༄། བླ་མའི་སྐུ་ཚེ་བརྟན་པའི་ལོ་གསར་བཟང་།། ཚེ་དང་བསོད་ནམས་འཕེལ་བའི་ལོ་གསར་བཟང་། ལས་དང་སྨོན་ལམ་འགྲུབ་པའི་ལོ་གསར་བཟང་། ཤེས་རིག་ཡོན་ཏན་འཕེལ་བའི་ལོ་གསར་བཟང་། ཕ་མ་སྤུན་མཆེད་འཛོམས་པའི་ལོ་གསར་བཟང་། ལུས་བདེ་སེམས་སྐྱིད་ཡོང་བའི་ལོ་གསར་བཟང་། བྱ་བ་ལམ་འགྲོ་ཡོང་བའི་ལོ་གསར་བཟང་། གྲོགས་མཆེད་འཆམ་མཐུན་ཡོང་བའི་ལོ་གསར་བཟང་། བློ་ཆོས་སུ་འགྲོ་བའི་ལོ་གསར་བཟང་། ཆོས་ལམ་དུ་འགྲོ་བའི་ལོ་གསར་བཟང་། ལམ་ལ་བར་ཆད་མེད་པའི་ལོ་གསར་བཟང་། བསམ་དོན་ཆོས་བཞིན་འགྲུབ་པའི་ལོ་གསར་བཟང་། ལྷན་རྒྱས་ཡོས་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ།།[庆祝][庆祝][庆祝][烟花][烟花][烟花][Firecracker][Firecracker][Firecracker] WJནས་།