ཚངས་དབྱངས་རྒྱ་མཚོའི་མགུར་གླུ།
༡.ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། ། མ་སྐྱེས་ཨ་མའི1ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང་། ། ༢.ན་ནིང་བཏབ་པའི་ལྗང་གཞོན། ། ད་ལོ་སོག་མའི་ཕོན་ལྕོག ། ཕོ་གཞོན་རྒས་པའི་ལུས་པོ། ། ལྷོ་གཞུ་ལས་ཀྱང་གྱོང་བ། ། ༣.རང་སེམས་སོང་བའི་མི་དེ། ། གཏན་གྱི་འདུན་མར2བྱུང་ན། ། རྒྱ་མཚོའི་གཏིང་ནས་ནོར་བུ། ། ལོན་པ་དེ་དང་འདྲ་བྱུང་། ། ༤.འགྲོ་ཞོར་ལམ་བུའི་སྙིང་ཐུབ3། ། ལུས་དྲི་ཞིམ་པའི་བུ་མོ། ། གཡུ་ཆུང་དྲུག་དཀར4རྙེད་ནས། ། བསྐྱུར་བ་དེ་དང་འདྲ་བྱུང་། ། ༥.མི་ཆེན་དཔོན་པོའི་སྲས་མོ། ། ཁམ་འབྲས་མཚར་ལུགས་བལྟས་ན། ། ཁམ་སྡོང་མཐོན་པོའི་རྩེ་ནས། ། འབྲས་བུ་སྨིན་དང་འདྲ་བྱུང་། ། ༦.སེམས་པ་ཕར་ལ་ཤོར་ནས། ། མཚན་མོའི་གཉིད་ཐེབས་གཅོག་གི ། ཉིན་མོ་ལག་ཏུ་མ་ལོན། ། ཡིད་ཐང་ཆད་རོགས་ཡིན་པས། ། ༧.མེ་ཏོག་ནམ་ཟླ་ཡལ་སོང་། ། གཡུ་སྦྲང་སེམས་པ་མ་སྐྱོ། ། བྱམས་པའི་ལས་འཕྲོ་ཟད་པར། ། ང་ནི་སྐྱོ་རྒྱུ་མི་འདུག ། ༨.རྩི་ཐོག་བ་མོའི་ཁ་ལ། ། སྐྱི་བསེར་རླུང་གི་ཕོ་ཉ། ། མེ་ཏོག་སྦྲང་བུ་གཉིས་ཀྱི། ། འབྲེལ་མཚམས་གཅོད་མཁན་ལོས་ཡིན། །