མདུན་ལམ་མ་ནོར།
གཞས་པ། བློ་བཟང་།
པད་དཀར་ཕྲེང་བའི་གསེར་ཞལ།
ཁ་བའི་ལྗོངས་ལ་བཅག་ཡོད།
དད་ལྡན་བོད་རིགས་སེར་སྐྱ།
ལྷ་ཕྱག་འཚལ་ས་མ་ནོར།
ཆོས་སྲིད་ཉི་ཟླའི་གཟི་དཔལ།
གླིང་ལྔའི་ཁྱོན་ལ་ཤར་ཡོད།
རིག་རྒོད་གངས་ཅན་གཞོན་ནུ།
བསམ་བློའི་ཁ་ཕྱོགས་མ་ནོར།
གཞི་བྱའི་ལྷན་དུ་འཛོམས་པའི།
སྐྱ་རེངས་མཐའ་ལ་ཤར་ཡོད།
ཆོལ་གསུམ་བོད་རིགས་སྤུན་ཟླ།
རང་གི་མདུན་ལམ་མ་ནོར།
ཆོས་དུང་དཀར་པོ་སྒྲ་དབྱངས།
སྒྲོགས་པའི་རྟེན་འབྲེལ་འགྲིག་སོང།
མཇལ་དར་ལྷ་རྫས་དཀར་པའི།
ལེགས་སྐྱེས་གསར་བ་མ་བརྗེད།
ཡིག་གེར་བཀོད་མཁན། དུང་དཀར་ཚེ་རིང་།
གཞས་པ། བློ་བཟང་།
པད་དཀར་ཕྲེང་བའི་གསེར་ཞལ།
ཁ་བའི་ལྗོངས་ལ་བཅག་ཡོད།
དད་ལྡན་བོད་རིགས་སེར་སྐྱ།
ལྷ་ཕྱག་འཚལ་ས་མ་ནོར།
ཆོས་སྲིད་ཉི་ཟླའི་གཟི་དཔལ།
གླིང་ལྔའི་ཁྱོན་ལ་ཤར་ཡོད།
རིག་རྒོད་གངས་ཅན་གཞོན་ནུ།
བསམ་བློའི་ཁ་ཕྱོགས་མ་ནོར།
གཞི་བྱའི་ལྷན་དུ་འཛོམས་པའི།
སྐྱ་རེངས་མཐའ་ལ་ཤར་ཡོད།
ཆོལ་གསུམ་བོད་རིགས་སྤུན་ཟླ།
རང་གི་མདུན་ལམ་མ་ནོར།
ཆོས་དུང་དཀར་པོ་སྒྲ་དབྱངས།
སྒྲོགས་པའི་རྟེན་འབྲེལ་འགྲིག་སོང།
མཇལ་དར་ལྷ་རྫས་དཀར་པའི།
ལེགས་སྐྱེས་གསར་བ་མ་བརྗེད།
ཡིག་གེར་བཀོད་མཁན། དུང་དཀར་ཚེ་རིང་།