༄༅།།སྲོག་དམར་པོ། 

དུང་དཀར་ཚེ་རིང་།(ནག་ཆུ)
སྲོག་དམར་པོ།
དེ་ནི་ས་མཐའ་ན་གནས་ཞིང་།
རི་རབ་ཁྲོད་ཚར་ལོངས་བྱུང་།
དེ་ནི་ཁ་བ་གངས་ཁྲོད་འཚོ་ཞིང་།
ཆུ་ཕྲན་གཙང་ཆབ་ནང་རྒྱས།
དེ་ནི་རྩྭ་ཐང་མུ་མེད་སྟེང་དར་ཞིང་།
ཞིང་ས་གཤིན་པོ་ནང་ལྷག་པར་མཛེས།
སྲོག་ལྷ་གཉན་ཆེན་ཐང་ལྷ།
སྲོག་རི་གངས་དཀར་ཏི་སི།
སྲོག་མཚོ་མ་ཕམ་གཡུ་མཚོ།
སྲོག་ཤིང་ལྷ་ཤིང་ཤུག་པ།
སྲོག་དམར་པོའི་འབྱུང་བ་ཡིན་ལ།
སྲོག་དེ་ཡི་བརྟེན་གཞི་ཡིན་ནོ།
སྲོག་དེ་ནི་ལོ་ངོ་ཁྲི་འབུམ་གྱིས་བསྐྲུན་ཞིང་།
སྲོག་དེ་ནི་མི་རབས་ཁྲི་སྟོང་གིས་བཞེངས།
སྲོག་དེ་ནང་དུས་གསུམ་སངས་རྒྱས་བཞུགས་ལ།
སྲོག་དེ་ནང་བཙན་པོའི་བཟུང་ཁྲག་འབྲེལ་ཡོད།
ཨེ་མ།
དེ་ནི་རི་བོ་གངས་ཅན་པའི་སྲོག་དམར་པོ་ཡིན།
དེ་ནི་གདོང་དམར་པའི་སྲོག་དམར་པོ་ཡིན།
དེ་ནི་དེང་བོད་གཞོན་ནུའི་སྲོག་དམར་པོ་ཡིན་ནོ།
སྲོག་དམར་པོའི་མཆོད་པ།
གངས་ཅན་མེས་པོ་ལ་འབུལ།
གངས་ལྗོངས་ཕ་ཁྱོམ་ལ་འབུལ།
གངས་ཕྲུག་གཞོན་རབས་ལ་འབུལ།
གངས་སེམས་ལྷད་མེད་ལ་དེ་བས་སོ།
༢༠༡༥.༠༩.༡༥ཉིན་བྲིས


དུང་དཀར་ཚེ་རིང་།(ནག་ཆུ)
སྲོག་དམར་པོ།
དེ་ནི་ས་མཐའ་ན་གནས་ཞིང་།
རི་རབ་ཁྲོད་ཚར་ལོངས་བྱུང་།
དེ་ནི་ཁ་བ་གངས་ཁྲོད་འཚོ་ཞིང་།
ཆུ་ཕྲན་གཙང་ཆབ་ནང་རྒྱས།
དེ་ནི་རྩྭ་ཐང་མུ་མེད་སྟེང་དར་ཞིང་།
ཞིང་ས་གཤིན་པོ་ནང་ལྷག་པར་མཛེས།
སྲོག་ལྷ་གཉན་ཆེན་ཐང་ལྷ།
སྲོག་རི་གངས་དཀར་ཏི་སི།
སྲོག་མཚོ་མ་ཕམ་གཡུ་མཚོ།
སྲོག་ཤིང་ལྷ་ཤིང་ཤུག་པ།
སྲོག་དམར་པོའི་འབྱུང་བ་ཡིན་ལ།
སྲོག་དེ་ཡི་བརྟེན་གཞི་ཡིན་ནོ།
སྲོག་དེ་ནི་ལོ་ངོ་ཁྲི་འབུམ་གྱིས་བསྐྲུན་ཞིང་།
སྲོག་དེ་ནི་མི་རབས་ཁྲི་སྟོང་གིས་བཞེངས།
སྲོག་དེ་ནང་དུས་གསུམ་སངས་རྒྱས་བཞུགས་ལ།
སྲོག་དེ་ནང་བཙན་པོའི་བཟུང་ཁྲག་འབྲེལ་ཡོད།
ཨེ་མ།
དེ་ནི་རི་བོ་གངས་ཅན་པའི་སྲོག་དམར་པོ་ཡིན།
དེ་ནི་གདོང་དམར་པའི་སྲོག་དམར་པོ་ཡིན།
དེ་ནི་དེང་བོད་གཞོན་ནུའི་སྲོག་དམར་པོ་ཡིན་ནོ།
སྲོག་དམར་པོའི་མཆོད་པ།
གངས་ཅན་མེས་པོ་ལ་འབུལ།
གངས་ལྗོངས་ཕ་ཁྱོམ་ལ་འབུལ།
གངས་ཕྲུག་གཞོན་རབས་ལ་འབུལ།
གངས་སེམས་ལྷད་མེད་ལ་དེ་བས་སོ།
༢༠༡༥.༠༩.༡༥ཉིན་བྲིས