歌词
དབྱངས་གསལ་
ལྷ་ཡི་ཐོག་མ་ཕྱག་ན་པད་དཀར་ཡིན།
བོད་རྗེ་ཐོག་མ་གཉའ་ཁྲི་བཙན་པོ་ཡིན།
མཁར་གྱི་མ་ཡུམ་བུ་བླ་མཁར་ཡིན།
དགོན་གྱི་ཐོག་མ་བསམ་ཡས་གཙུག་ལག་ཁང་།
ལོ་ཙཱའི་ཐོག་མ་ཐོན་མི་སམ་བྷོ་ཏྲ།
ཁོང་གིས་རྒྱ་གར་གྱི་ཡི་གེར་དཔེ་བླངས་ནས་གསལ་བྱེད་ཉེར་བཞི་གཏན་ལ་ཕབ།
བོད་སྐད་གདངས་ཀྱི་དགོས་པ་བཞིན།
སྟོད་དུ་ཅ་ཆ་ཇ་གསུམ་དང་།སྨད་དུ་ཞ་ཟ་འ་གསུམ་བཅས།
གསར་དུ་བསྣན་པའི་ཡི་གེ་དྲིག།དེ་ལྟར་གསལ་བྱེད་སུམ་ཅུ་སྟེ།
ཀ་ཁ་ག་ང་།ཅ་ཆ་ཇ་ཉ།ཏ་ཐ་ད་ན།པ་ཕ་བ་མ།ཙ་ཚ་ཛ་ལ།ཞ་ཟ་འ་ཡ།ར་ལ་ཤ་ས།ཧ་ཨ།
དབྱངས་བཞི་ནི།གུག་གི་ཞབས་ཀྱུ་འགྲེང་བུ་ན་རོ།ཨི་ཨུ་ཨེ་ཨོ།
རྗེས་འཇུག་བཅུ་ནི།ག་ང་ད་ན་བ་མ་འ་ར་ལ་ས་ནི་རྗེས་འཇུག་བཅུ།
སྔོན་འཇུག་ལྔ ་ནི།ག་ད་བ་མ་འ་སྔོན་འཇུག།
ཡང་འཇུག་ནི།ད་ས་གཉིས་ནི་ཡང་འཇུག་ཡིན།
བོད་ལ་རིག་གནས་ཆེ་ཆུང་དུ་ཡོད།ཆེ་བ་ལྔ་དང་ཆུང་བ་ལྔ།
ཆེ་བ་ནི།སྒྲ་རིག་པ།བཟོ་རིག་པ།གསོ་བ་རིག་པ།ཚད་མ་རིག་པ།ནང་དོན་རིག་པ།
ཆུང་བ་ལྔ་ནི།སྙན་ངག་མངོན་བརྗོད་སྡེབ་སྦྱོར་ཟློས་གར་སྐར་རྩིས་ལྔ་ཡིན།
ཡ་སློབ་ཕྲུག་ལགས།
ཁྱོད་ཀྱི་ཞལ་རས་དཀར་གསལ་ཟླ་བ་ལ།
བྱམས་བརྩེ་སྟོང་གི་འཛུམ་མདང་འཕྲོ་འདུག།
ཐུགས་རྒྱུད་རྒྱ་གར་དཀར་པོ་ལ།
ཤེས་རིག་སྟོང་གི་འོད་སྣང་འཕྲོ་འདུག།
སྐུ་གཟུགས་ཙ་རིའི་སྨྱུག་མ་ལ།
གདོང་དམར་བུ་ཡི་ཁྱད་ཆོས་ལྡན་འ
ཡ་སློབ་ཕྲུག་ལགས།
ཁྱོད་ཀྱི་ཞལ་རས་དཀར་གསལ་ཟླ་བ་ལ།
བྱམས་བརྩེ་སྟོང་གི་འཛུམ་མདང་འཕྲོ་འདུག།
ཐུགས་རྒྱུད་རྒྱ་གར་དཀར་པོ་ལ།
ཤེས་རིག་སྟོང་གི་འོད་སྣང་འཕྲོ་འདུག།
སྐུ་གཟུགས་ཙ་རིའི་སྨྱུག་མ་ལ།
གདོང་དམར་བུ་ཡི་ཁྱད་ཆོས་ལྡན་འདུག།